Yangdrub ceremony 2024འདི་ག་གྲྭ་ཚང་དུ་ལོ་ལྟར་འཕགས་པ་ཛམྦྷ་ལ་དཀར་པོའི་སྒོ་ནས་གཡང་སྒྲུབ་མཛད་པའི་ཕྱག་སྲོལ་བཟང་པོ་ཡོད་པ་ལྟར། ད་རིང་བོད་རྒྱལ་ལོ་༢༠༥༡ དབྱུ་གུ་ཟླ་བའིི་ཚེས་༦ དང་། ཕྱི་ལོ་༢༠༢༤ ཟླ་བ་༡༡ ཚེས་༠༧ ཉིན་མོར་གཙུག་ལག་ཁང་གི་ཡང་སྟེང་དུ་༸སྐྱབས་རྗེ་མཁན་ཟུར་རྣམ་པ་གཉིས་ཀྱིས་དབུས་བླ་སྤྲུལ་རྣམ་པ་དང་། དབུ་ཆོས་རྣམ་པ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་བཅས་གདན་འཛོམས་ཐོག་ ནོར་གྱི་བདག་པོ་དཔལ་ལྡན་ཨརྱ་ཛམྦྷ་ལ་དཀར་པོའི་སྒོ་ནས་གཡང་སྒྲུབ་ཚོགས་ནས་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་། ལྷག་དོན་བསྟན་པ་དེ་འཛིན་ཀུན་གྱི་གཙུག་ནོར་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། འཛམ་གླིང་ཡོངས་ལ་ནད་ཡམས་དང་དམག་འཁྲུག་སོགས་ཞི་བ། ཁྱད་པར་དུ་དགོན་པའི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་ཞི་ཞིང་།རྒྱལ་ཕྱི་ནང་གང་སར་བཞུགས་པའི་གྲྭ་ཚང་གི་འབྲེལ་ཡོད་སྦྱིན་

བདག་ཁག་སོགས་ཚེ་བསོད་དབང་ཐང་རྒྱས་ཤིང་རྣམ་དཀར་ཆོས་མཐུན་གྱི་བྱ་བ་རྣམས་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་བ་སོགས་ཀྱི་ཆེད་དུ་གཡང་སྒྲུབ་ཚོགས་པའི་ཉིན་དང་པོའི་སྐུ་པར་ཁག

The annual Yangdrub, prosperity summoning ritual ceremony, for the year has commenced on this 6th day of 9th Tibetan calendar month, corresponding to 7 November 2024. The three-day long ceremony is presided by the monastery’s two venerable former abbots, Khensur Rinpoche Geshe Lobsang Delek & Khensur Rinpoche Tulku Tenzin Choesang, and with the gracious participation by monastery’s Disciplinarian, Chant Master, tulkus, and senior Geshes.

The ceremony is dedicated for the flourishing of the Buddha Dharma, and supreme spiritual leader His Holiness The Dalai Lama & all living Buddha’s noble missions; non-occurrence of pandemics and war, and removal of negative obstacles of monastery’s patrons, supporters, well-wishers in their path to wellbeing, prosperity & long life, and for successful accomplishment in dharma studies & practice of pupil monks.